མཐོ་རིམ་སློབ་གྲྭའི་ནང་དུ།།
དཔེ་དང་དོན་གྱི་གནས་ས།།
ཞིབ་འཚོལ་འབད་བའི་དུས་ཚོད།།
བཟོ་སྐྲུན་ལས་སྡེའི་དཀའ་ངལ།།
བསལ་ནིའི་བསམ་བློ་གཏང་ནས།།
ཕན་པ་རྒྱལ་གཞུང་མི་སེར།།
འགན་ཁུར་རང་གི་འབག་གེ།
Photo from University of Newcastle

མཐོ་རིམ་སློབ་གྲྭའི་ནང་དུ།།
དཔེ་དང་དོན་གྱི་གནས་ས།།
ཞིབ་འཚོལ་འབད་བའི་དུས་ཚོད།།
བཟོ་སྐྲུན་ལས་སྡེའི་དཀའ་ངལ།།
བསལ་ནིའི་བསམ་བློ་གཏང་ནས།།
ཕན་པ་རྒྱལ་གཞུང་མི་སེར།།
འགན་ཁུར་རང་གི་འབག་གེ།
Photo from University of Newcastle
Idle – thee stands lone forever,
Frame – beholds thy form stand sturdy,
Color – persist an eternity whenever…
Thee shalt make unto CST graven image.
![]() |
Idle gate unique to the changing greenery of campus. |
སྔོན་ལས་མ་རྫོགས་སློབ་སྦྱོང་འཕྲོ་བརྐྱང་དུ།།
ལྷབ་པ་འོང་བ་སེམས་རེད་དགའ་བའི་སྲུང་།།
སྒོ་ར་ནང་ལས་འཛུལཝ་ད་ཚོར་བ་མྱོང་།།
རྒྱལ་ཁབ་མི་སེར་ཡོངས་ལ་ཕན་པའི་འགན།།
ལྷན་ཚོགས་ནང་ལས་ནང་བའི་བཀའ་སློབ་དང་།།
རྒྱལ་པོའི་ཐུག་དོན་སྒྲུབས་པའི་འགན་ཁུར་འདིར།།
ཞི་ཡོག་བདག་གི་ཧིང་ལས་སྨོན་དེབ་འཕུལ།།
PS: Pardon the spelling err.
ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭ།
ནགས་ཚལ་སྒོ་ཁམས་ཡངས་པའི་ནང་།
དགུན་དུས་འཆར་ཆུ་གཞན་མ་འཚུངས།
ས་སྨུག་སྤུབ་པ་གནག་དུང་ནང་།
ཉིན་མའི་འོད་ཟེར་མཐོང་བ་མེད།
ཡོམ་ཡོམ་རླུང་མ་འཕུ་ནི་མེད།
བྱ་དང་བྱིའུ་ཅུང་སྐད་ཡང་མེད།
མེད་གསུམ་འཛོམ་ས་རྟེན་འབྲེལ་ངན།
ཡིག་ཚང་ཕྱི་ཁ་འཐེན་ཚེ།
མཛེས་པའི་ཁམ་ཤིང་སྟེང་དུ།
རྡོག་མ་བཏགས་ཏེ་ཚོ་ནུག།
ཟ་འདེད་བསྐྱེད་བའི་བསམ་བློ།
གཏང་སྟེ་བཟའ་བ་ཞིམ་སྦེ།
ཡིག་ཚང་དབངཔོ་ངལ་སི་སི།
ཤིང་གི་གནམ་དུ་རླུང་སི་སི།