ལྷག་གནང་མི་ལུ་བཀྲིན་ལེགས་སོ་ཡོད།།

Total Pageviews

Saturday, February 20, 2021

རྩོམ་རྗོད་ཚིག་བདུན་མ། - ༤

སྔོན་ལས་མ་རྫོགས་སློབ་སྦྱོང་འཕྲོ་བརྐྱང་དུ།།

ལྷབ་པ་འོང་བ་སེམས་རེད་དགའ་བའི་སྲུང་།།

སྒོ་ར་ནང་ལས་འཛུལཝ་ད་ཚོར་བ་མྱོང་།།

རྒྱལ་ཁབ་མི་སེར་ཡོངས་ལ་ཕན་པའི་འགན།།

ལྷན་ཚོགས་ནང་ལས་ནང་བའི་བཀའ་སློབ་དང་།།

རྒྱལ་པོའི་ཐུག་དོན་སྒྲུབས་པའི་འགན་ཁུར་འདིར།།

ཞི་ཡོག་བདག་གི་ཧིང་ལས་སྨོན་དེབ་འཕུལ།།

PS: Pardon the spelling err. 

ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭ།
 

post signature

Tuesday, January 19, 2021

རྩོམ་རྗོད་ཚིག་བདུན་མ། - ༣

ནགས་ཚལ་སྒོ་ཁམས་ཡངས་པའི་ནང་།

དགུན་དུས་འཆར་ཆུ་གཞན་མ་འཚུངས།

ས་སྨུག་སྤུབ་པ་གནག་དུང་ནང་།

ཉིན་མའི་འོད་ཟེར་མཐོང་བ་མེད།

ཡོམ་ཡོམ་རླུང་མ་འཕུ་ནི་མེད།

བྱ་དང་བྱིའུ་ཅུང་སྐད་ཡང་མེད།

མེད་གསུམ་འཛོམ་ས་རྟེན་འབྲེལ་ངན།

 

ནགས་ཚལ།


post signature

Sunday, December 6, 2020

རྩོམ་རྗོད་ཚིག་བདུན་མ། - ༢

ཉི་མ་ཤར་ལས་ཤར་ས།

ཤར་ཕྱོགས་རང་གི་དགའ་གཡུས།

ལར་ལོག་ཕྱག་ཞུའི་ལམ་དུ།

འོང་བ་ཟུར་བཞག་ནང་ལུ།

གཞུང་འབྲེལ་ལམ་ལུག་ལྟར་དུ།

སྡོད་པ་གོམས་སྦྱང་མི་ཚེས་ནང་།

འགོ་སྐབས་ནད་ཡམ་བཀྲིན།

 

post signature

Friday, September 11, 2020

རྩོམ་རྗོད་ཚིག་བདུན་མ། - ༡

ཡིག་ཚང་ཕྱི་ཁ་འཐེན་ཚེ།

མཛེས་པའི་ཁམ་ཤིང་སྟེང་དུ།

རྡོག་མ་བཏགས་ཏེ་ཚོ་ནུག།

ཟ་འདེད་བསྐྱེད་བའི་བསམ་བློ།

གཏང་སྟེ་བཟའ་བ་ཞིམ་སྦེ།

ཡིག་ཚང་དབངཔོ་ངལ་སི་སི།

ཤིང་གི་གནམ་དུ་རླུང་སི་སི།

 

ཁམ་ཤིང་རྡོག་མ།

 

post signature

Friday, March 20, 2020

ལམ་སེལ་ལས་ནའི་སྐོར།

This is a poem written in Dzongkha (National Language) as self-dedication to my profession. It is religiously considered that working for any construction, development and improvement of pathways, roads, bridges etc is outstanding merits. Basically, particularly working for any route used for traveling and transportation is meritorious service.

I am sorry for Dzongkha spelling err if any.

ལམ་སེལ་ལས་ན་ཐམས་ཅད་ལ། བྱང་ཆུབ་ལམ་དང་དབྱེ་བ་མེད། དགེ་བ་ཡོད་པའི་ལ་རྣམས་ཀྱི། འགྲོ་བ་ཡོངས་ལ་ཕན་པར་ཤོག།

ལམ་ནི་སེལ་ཡི་སེལ་ཡི་འགྲོ་བའི་ཚེ། ལུས་སྐྱིད་པ་ཡིད་ཡང་བདེ། ལུས་སེམས་གཉིས་ཀུ་སྐྱིད་པའི་ལས་བྱས་པ།བསྐལ་བ་བཟང་བ་སྐྱབས་སུ་ཆེ།
Beautifully blacktopped Phumithang Dratshang road.
འགྲོ་བ་རིག་རྣམས་འགྲོ་བའི་ལམ་འདི་ལས། རྐྱེན་བར་ཆད་མེད་པར་ཤར་ར་ར། འགྲུལ་ལམ་མ་འཐོག་སྨོན་ལམ་འདི་བཏབ་གནས། དགེ་བ་མང་པོ་ལས་ཀྱི་བསག།

ཕར་ཉིན་མ་ཤར་ལས་ཤར་བའི་ཚེ། ལམ་སེལ་ལས་ནའི་སྡུག་བསྔལ་གི། རང་ལས་ན་བལྟ་ལྟོག་འགྲོ་བའི་ཚེ། འདི་ཞིན་གྲུབ་འབྲས་མང་པོ་གྲུབ།
  
ཉིནམ་ནུབ་ཀྱི་ཕྱོགས་སུ་འཛུལ་བའི་ཚེ། དུས་ད་རེས་བཟུམ་མའི་དུས་རྒྱུན་དུ། ཉིན་རིན་ཆེ་མེད་པར་ཕན་པའི་ལ། ལོག་ཡང་ཡང་སྒྲུབས་པའི་སྨོན་ལམ་ཤོག། 

post signature