ལྷག་གནང་མི་ལུ་བཀྲིན་ལེགས་སོ་ཡོད།།

Total Pageviews

Monday, August 23, 2021

རྩོམ་རྗོད་ཚིག་བདུན་མ། - ༥

མཐོ་རིམ་སློབ་གྲྭའི་ནང་དུ།།

དཔེ་དང་དོན་གྱི་གནས་ས།།

ཞིབ་འཚོལ་འབད་བའི་དུས་ཚོད།།

བཟོ་སྐྲུན་ལས་སྡེའི་དཀའ་ངལ།།

བསལ་ནིའི་བསམ་བློ་གཏང་ནས།།

ཕན་པ་རྒྱལ་གཞུང་མི་སེར།།

འགན་ཁུར་རང་གི་འབག་གེ།

 

Photo from University of Newcastle 

 post signature

Thursday, May 27, 2021

An Idle Gate

Idle – thee stands lone forever,

Frame – beholds thy form stand sturdy,

Color – persist an eternity whenever…

Thee shalt make unto CST graven image.

Idle gate unique to the changing greenery of campus. 

post signature

Saturday, February 20, 2021

རྩོམ་རྗོད་ཚིག་བདུན་མ། - ༤

སྔོན་ལས་མ་རྫོགས་སློབ་སྦྱོང་འཕྲོ་བརྐྱང་དུ།།

ལྷབ་པ་འོང་བ་སེམས་རེད་དགའ་བའི་སྲུང་།།

སྒོ་ར་ནང་ལས་འཛུལཝ་ད་ཚོར་བ་མྱོང་།།

རྒྱལ་ཁབ་མི་སེར་ཡོངས་ལ་ཕན་པའི་འགན།།

ལྷན་ཚོགས་ནང་ལས་ནང་བའི་བཀའ་སློབ་དང་།།

རྒྱལ་པོའི་ཐུག་དོན་སྒྲུབས་པའི་འགན་ཁུར་འདིར།།

ཞི་ཡོག་བདག་གི་ཧིང་ལས་སྨོན་དེབ་འཕུལ།།

PS: Pardon the spelling err. 

ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭ།
 

post signature

Tuesday, January 19, 2021

རྩོམ་རྗོད་ཚིག་བདུན་མ། - ༣

ནགས་ཚལ་སྒོ་ཁམས་ཡངས་པའི་ནང་།

དགུན་དུས་འཆར་ཆུ་གཞན་མ་འཚུངས།

ས་སྨུག་སྤུབ་པ་གནག་དུང་ནང་།

ཉིན་མའི་འོད་ཟེར་མཐོང་བ་མེད།

ཡོམ་ཡོམ་རླུང་མ་འཕུ་ནི་མེད།

བྱ་དང་བྱིའུ་ཅུང་སྐད་ཡང་མེད།

མེད་གསུམ་འཛོམ་ས་རྟེན་འབྲེལ་ངན།

 

ནགས་ཚལ།


post signature

Sunday, December 6, 2020

རྩོམ་རྗོད་ཚིག་བདུན་མ། - ༢

ཉི་མ་ཤར་ལས་ཤར་ས།

ཤར་ཕྱོགས་རང་གི་དགའ་གཡུས།

ལར་ལོག་ཕྱག་ཞུའི་ལམ་དུ།

འོང་བ་ཟུར་བཞག་ནང་ལུ།

གཞུང་འབྲེལ་ལམ་ལུག་ལྟར་དུ།

སྡོད་པ་གོམས་སྦྱང་མི་ཚེས་ནང་།

འགོ་སྐབས་ནད་ཡམ་བཀྲིན།

 

post signature